Thursday, 8 November 2012

ནུབ་ཕྱོགས་སུ་བསྐྱོད་པའི་ལམ་ཡིག་

ལ་ལུང་མང་པོ་རྒྱབ་ནས་།
ཕ་ཡུལ་ས་མཐའ་འགྲིམས་དུས་།
ཁ་བ་དཀར་པོ་དྲན་བྱུང་།
ངེད་ཅག་སྐྱོ་གདུང་མནར་སོང་།




མཚན་མོ་འུག་པ་བཞིན་དུ་།
ནགས་གསེབ་སྟུག་པོའི་འོག་ནས་།
རྒྱ་དམར་གུང་ཕྲན་དམརཔོས་།
བཙན་བཟུང་བྱེད་པའི་དངངས་སྐྲག་།

ཁ་བ་འཐུག་པོ་བབས་དུས་།
དབུ་སྐྲ་དུང་ལས་དཀར་བའི་།
བདག་གི་རྨོ་རྨོ་དྲིན་ཆེན་།
གམ་ན་ཡོད་སྙམ་བྱུང་།

No comments:

Post a Comment