དྲིན་ཆེན་ཨ་ཕ་
ལས་སྨོན་གྱིས་ཁྱོད་དང་བྲལ་།
ཟུངས་ཁྲག་གི་ཤ་རུས་ལས་།
གདུང་རྒྱུད་འདི་རྣམ་པར་རྒྱལ་།
ངེད་གཉིས་བྲལ་ཐབས་དཀའ་འོ་།
ཕན་ཚུན་བརྩེ་སེམས་འདི་ནི་།
རི་རྒྱལ་ལྷུན་པོ་བཞིན་དུ་།
མཚམས་བརྒྱད་རྣམ་པར་འཕེལ་ལོ་།
བུ་ཆུང་བསོད་ནམས་ཆུང་བས་།
གཤིན་རྗེ་གཅེས་པར་མི་མཛོད་།
བདག་གི་དྲིན་ཆེན་ཨ་ཕ་།
འཁོར་བ་འདི་ལས་བྲལ་སོང་།
སེམས་ཁོངས་རུས་པའི་གཏིང་ནས་།
སེམས་ཀྱི་སྒྲོན་མེ་རྐང་ཅིག་།
དད་པས་སྙིང་ནས་ཕུལ་ཡོད་།།